登录站点

用户名

密码

注册

查看日志|返回日志列表

15༼ཡིད་འཕྲོག་ལྷ་མོ༽

2010-07-09 15:12

 

ཡིད་འཕྲོག་ལྷ་མོ  

 

ངས་ངོ་མ་ཁྱེད་དྲན་གི

 

ཁྱེད་རང་ངའི་སེམས་པའི་གཏིང་གཏིང་ཞིག་ན་ཅི་འདྲའི་

 

བཤད་མི་ཤེས་པའི་སྙིང་གྲོགས་དམ་པ་ཉག  

 

འོན་ཀྱང

 

ཁྱེད་རང་ཡུལ་འདི་ནས་བུད་དེ་གནས་དེ་ལ་འགྲོ་ཉིན

 

ངས་ཁྱེད་སྐྱེལ་མ་ཙམ་ཡང་མི་ཐུབ་པའི་ཤིན་ཏུ་འགྱོད།

 

ད་དུང་ངས་ནམ་ཡང་སེམས་ལ་དྲན་མ་མྱོང་བའི་དོན་རྐྱེན་དེ

 

ཁྱེད་རང་དམར་པོའི་བཙན་འོག་ལ་ཤོར་སོང་།

 

དེ་ནས་བཟུང་ངས་ཁྱེད་ཀྱི་སྐད་སྒྲ་ཙམ་ཡང་ཐོས་མི་ཐུབ་བས

 

ངས་ཤིན་ཏུ་དྲན་ལ་ངས་རྒྱུན་ཏུ་ཁྱེད་འཚོལ་འདོད།

 

འོན་ཀྱང  

 

ང་ནུས་མེད་ནམ་མཁའི་བྱ་ཕྲུག་ནང་བཞིན

 

ངས་ཅི་ལྟར་འཚོལ་དགོས་མི་ཤེས། 

 

མཐའ་ན་ཁྱེད་གང་ཡོད་ཙམ་ཡང་མི་ཤེས་པས

 

ང་ཤིན་ཏུ་སྐྱོ་ལ་ཤིན་ཏུ་སེམས་ཕམ།

 

ཡིད་འཕྲོག་ལྷ་མོ 

 

ངས་ཁྱེད་ལ་རོགས་ཅི་ཡང་མི་ཐུབ་པས་དགོངས་དག་ཞུ། 

 

ང་ལ་ཡོད་པ་སེམས་ཡིན། 

 

སེམས་ན་ཡོད་པ་བརྩེ་བ་ཡིན།

 

བརྩེ་བ་ཡོད་པ་ཕྱི་ཐག་ཡིན།

 

 ངས་ནམ་ཡང་སྒུག་ངེས་ཡིན།

 

ཁྱེད་བདེ་ལེགས་ངང་མྱུར་ཏུ་ཕྱིར་ཕེབས་ཡོད་པར་སྨོན། 

 

ཉིན་དཀར་ཉི་མའི་ལས་རིམ་བར་ནས།

 

ཁྱེད་ཀྱི་ཞལ་རིས་ཡིད་ལ་འཁོར་ཡོང་།

 

མཚན་མོ་ཉལ་བའི་རྨི་ལམ་ནང་དུ།

 

ཁྱེད་ཀྱི་འཛུམ་མདངས་ལྷང་ངེར་མཐོང་འོང་།

 

2009ལོར་ཟླ8བའི་ཚེས་3ཉིན

 

分享 26 次阅读 | 0 个评论

留下脚印

评论