登录站点

用户名

密码

注册

查看日志|返回日志列表

18༼རེ་སྒུག༽

2010-07-09 15:18

 

 

༼རེ་སྒུག༽

 

མ་མཐོང་རྒྱང་རིང་གི་ཡིད་འཕྲོག།།

 

བརྩེ་བའི་འཕྲིན་པ་ཞིག་གནོངས་དང་།།

 

ཁེར་རྐྱང་ཨ་ཤར་གྱི་སེམས་པ།།

 

འདི་ན་དགུན་ཟླ་ལས་གྲང་བ།།

 

 

 

རེ་སྒུག་ལོ་ཟླ་དེ་མང་ཐལ།།

 

དྲན་པའི་གཞུ་མོ་ཡང་ལྷོད་འགྲོ།།

 

ཁྲུང་ཁྲུང་ལྷོ་མཁའ་རུ་བཞུད་ཚེས།།

 

མིག་མཐའ་མཆི་མ་ཡིས་བསྐོར་ཡོང་།།

 

 

 

ཁྱོད་དང་ཨ་ཤར་གྱི་འཇིག་རྟེན།།

 

འདི་དང་ཕྱི་མ་རང་མ་ཡིན།།

 

གངས་རིའི་ཕ་རོལ་དང་ཚུར་རོལ།།

 

ལྷན་འཛོམས་བསྐལ་བ་དེ་ཕྲ་འང་།།

 

 

 

སེམས་པའི་རི་རྩེ་ན་འཁོར་བའི།།

 

རྒྱང་བཞུད་ཁུ་ལོ་ཡི་ངག་འཕྲིན།།

 

ཉིན་ཞག་ལོ་ཟླ་ཡི་ངོགས་ན།།

 

ཁེར་རྐྱང་ཨ་ཤར་གྱི་སྒུག་ཡོད།། 

 

 ༢༠༠༩ལོར་ཟླ་༡༠བའི་ཚེས་༣ཉིན

 

 

分享 62 次阅读 | 0 个评论

留下脚印

评论